དབུ་རྙིང་འཛིན་གྲྭ་བསྟན་འཛིན་ཕུན་ཚོགས་ནས་བྲིས།
སྐལ་བཟང་གོ་སྐབས། མ་རླགས་འབད་པ། མ་སྒྲུབ་དེ་འདྲ། བསྡད་པ་ངོ་ཚ། བརྟེན་བཟང་དེ་འདྲ། ཐོབ་པ་དཀའ་བ། བླ་མ་དཀོན་མཆོག ནོར་བུ་གླིང་ལ། ནོར་བུ་མ་བརླག ནོར་ཚོང་མི་ཤེས། ཉི་མ་གང་འཁྱོལ། ལོ་ཆུང་རྣམ་དཔྱོད། ལོག་པར་མ་སྤྱོད། བསམ་ཤེས་གནང་དང་། ལ་ལུང་མང་པོ། བརྒལ་ནས་ཡོང་དོན། མི་ཡུལ་ས་ཆར། གནང་བ་མ་འཁྲུལ། ཐོས་བསམ་འབད་དང་། མངོན་ཐོབ་ལན་ཅིག ཆུ་ཡི་ལྦུ་བ། ཇི་བཞིན་དུས་ཐུང་། ནམ་འཆི་ངེས་མེད། རང་ཡུལ་གངས་ལྗོངས། ཕ་མ་སྤུན་མཆེད། སེམས་ལ་གང་ཡོད ནང་གི་བུ་དེ། འཕགས་ཡུལ་གནས་པ། གཞུང་ཆེན་ཁག་ལ། གསན་བསམ་བྱེད་ནས། མཁས་དབང་བྱུང་རྒྱུར། གཏམ་བཟང་སྒུག་ནས། གནས་པ་གོ་ཐོས། གྲྭ་གཞོན་ཁྱེད་རྣམས། ཐུགས་ཟབ་གནང་རོགས། གྲྭ་ཇ་ཆོས་རྭའི། ཁ་རྔ་རྡུང་དུས། མ་རིག་མུན་ནག ཐང་ཁུག་གཡོགས་ནས། ཞགས་པ་ནག་པོ། རྐང་ཐག་བཅིངས་ནས། དོན་མེད་ཆུད་གཟོན། ལས་ལ་བཀོད་ནས། ལས་ངན་བསམ་ཤེས། མཚམས་འཇོག་བྱེད་རོགས། དཀར་པོའི་དགེ་བ། སྒྲུབ་པར་ཕེབས་དང་། ཐར་པའི་གོ་འཕང་། ཉེ་བར་སྒྲུབས་དང་། རྗེ་ཙོང་ཁ་པ་ཆེན་པོའི་གསུང་ལས། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།རྒྱལ་བ་དགྱེས་པའི་ལམ་ལ་ཡིད་གཏོད་པའི།
སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།
No comments:
Post a Comment