རིན་ཆེན་འབྱུང་གནས་ནས་བྲིས་སོ།
ཀ་ཡི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོ།
ཁ་བཤད་ལག་ལེན་སྒྲུབ་པའི་སྤུན་གྲོགས་དག།
ག་དུས་ཡིན་ཡང་བདེན་པའི་ཕྱོགས་ལ་བརྩོན།
ང་རྒྱལ་བྲལ་ཏེ་རྒྱལ་བའི་བཀའ་ལྟར་བརྩོན།
ཅ་ཅོ་གཞན་ལ་མི་བལྟ་རྒྱལ་བའི་བཀའ།
ཆ་ཤས་གཅིག་ཙམ་སྒྲུབ་ནའང་དགེ་ཟླ་མེད་།
ཇ་དང་ཕྱག་མཆོད་ཙམ་གྱིས་མ་ཚིམ་པར་
ཉ་ཆུང་བཞིན་དུ་དམ་པའི་ཆོས་ལ་བརྕོན།
ཏཱ་ལའི་བླ་མའི་ཐུགས་རྗེའི་བཀའ་དྲིན་གྱིས།
ཐ་མག་ཆང་རག་སྤོང་བའི་སྐྱེ་བོ་མང་།
ད་ལྟ་དུས་གསུམ་བསྟན་པ་འཛིན་པའི་རྗེ།
ན་ཆུང་བུ་ངས་སྙིང་ནས་གུས་ཕྱག་འཚལ།
རྭ་ས་འཕྲུལ་གྱི་གཙུག་ལག་ཁང་ཆེན་དུ་།
ལ་ལུང་རྒྱབ་ནས་ཇོ་བོ་མཇལ་དུ་ཡོང་།
ཤ་ཁྲག་གཅིག་རྒྱུན་བོད་རིགས་ཡོངས་ཀྱི་གཞི།
ས་ཡ་དྲུག་གི་བླ་སྲོག་བོད་ཕྲུག་ཚོ།
ཧ་ལོ་དབྱིན་སྐད་ཁོ་ན་མ་སྦྱངས་པར།
ཨ་མའི་རེ་བ་ལྟར་གྱི་ཀ་ཁ་སྦྱོངས།།
No comments:
Post a Comment