བཟོད་པ་ནས་བྲིས་སོ།
དགའ་དགའ་བོད་ལ་སྐྱེས་པ་དགའ། སྐྱོ་སྐྱོ་རང་དབང་མེད་པ་སྐྱོ།
སྐྱིད་སྐྱིད་རང་བཙན་ཡོད་ན་སྐྱིད། སྡུག་སྡུག་བརྙས་བཅོས་བཏང་བ་སྡུག
བཤད་བཤད་བོད་དོན་ཐོག་ལ་བཤད། ཡོད་ཡོད་ཞི་བདེ་དེད་དཔོན་ཡོད།
བརྩོན་བརྩོན་རང་བཙན་དོན་དུ་བརྩོན། བསམ་བསམ་རང་བཙན་ཐོབ་ན་སྙམ།།
བྱེད་བྱེད་སློབ་སྦྱོང་འབད་བརྩོན་བྱེད། སྒྲིལ་སྒྲིལ་བོད་མི་གཅིག་ཏུ་སྒྲིལ།
རྒྱས་རྒྱས་བླ་མའི་མཛད་འཕྲིན་རྒྱས། དར་དར་སངས་རྒྱས་བསྟན་པ་དར།
སེལ་སེལ་འགྲོ་བའི་སྡུག་བསྔལ་སེལ། བཟང་བཟང་གོ་སྐབས་ཐོབ་པ་བཟང་།
ལེན་ལེན་རང་སྲིད་རང་སྐྱོང་ལེན། བཟོ་བཟོ་མ་འོངས་ཞི་བདེ་བཟོ།
No comments:
Post a Comment