བཟོད་པ་ནས་བྲིས་སོ།
ཤང་ཤང་གི་ཆུ་མོ་རྒྱུག་པའི་སྐབས།ལྷང་ལྷང་གིས་ཨ་མའི་ཞལ་རས་དྲན།
གཡོ་གཡོ་བའི་སེམས་ནི་དབང་མེད་དུ། སིམ་སིམ་པོར་མ་གནས་རྒྱུག་ནས་སོང་།
ཉིན་ཉིན་མོའི་རྨི་ལམ་རེད་མ་གཏོགས། དྲན་དྲན་གྱི་དྲིན་ཆེན་ཡབ་ཡུམ་གཉིས།
མཚན་མཚན་མོའི་གཉིད་ལམ་ནང་མ་མཇལ། གུས་གུས་པ་སྐྱོ་བའི་ངང་ཚུལ་ཅན་།
བརྩེ་བརྩེ་བའི་བྱམས་སྐྱོང་ཆེ་ན་ཡང་། ཚེ་ཚེ་སྔོན་ལས་ཀྱིས་དབང་མེད་དུ།
སེམས་སེམས་སྡུག་ཆེ་ཡང་བྲལ་དགོས་བྱུང་། སྐྱོ་སྐྱོ་པོ་གུས་པ་ང་ཡི་སེམས།
No comments:
Post a Comment