འཇམ་དབྱངས་རིན་ཆེན་ནས་བྲིས་སོ།
དེང་སང་འཛམ་གླིང་ས་གཞི་ལེབ་མོ་འདིར།
བོད་དོན་ཁྱབ་བསྒྲགས་ལས་འགུལ་རྒྱ་ཆེར་འགྲོ
ཏཱ་ལའི་བླ་མའི་སྐུ་དོན་རེད་ཅེས་ཟེར།
རྒྱ་ཡི་དཔོན་པོས་དེ་ལྟར་མ་ཎི་སྒྲོགས།
བོད་དོན་བླ་མའི་སྐུ་དོན་མ་ཡིན་པར།
རྒྱ་ཆེའི་བོད་རིགས་མི་དམངས་འགན་དབང་ཡིན།
ང་རྒྱལ་ཆེར་རློམ་རྒྱ་མི་དཔོན་རིགས་ཚོགས།
ངོ་ཚ་ཁ་སྐྱེངས་མི་སྨྲ་བརྟུལ་ཞུགས་གྲུབ།
སྲིད་ན་ང་ཡིན་ཁོ་ཡིན་ཁེངས་སེམས་ཀྱིས།
རང་ཉིད་ཆེར་སྒྲོགས་རྒྱལ་ཁམས་སྐྱོངས་མི་དཔོན།
མ་བོས་མགྲོན་གྱིས་གཤེགས་པའི་སྐྱེ་འགྲོ་ཀུན།
སྐྱབས་མགོན་ཉིད་ལས་གཞན་ལ་བློ་མི་བརྟེན།
ཨེ་མ་ཧོ། སྐལ་པ་བཟང་། ངོ་མཚར་ཆེའོ།
No comments:
Post a Comment