མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

རེ་བ་ཕྲན་བུ་ཞིག་བརྗོད་པ།

ཟུར་བཀོལ་བསོད་ནམས་ཆོས་འགྲུབ་ནས་བྲིས་སོ།།
དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ང་ཚོ་བོད་ཀྱི་རིག་གཞུང་བདག་སྐྱོངས་བྱེད་མཁན་སློབ་ཕྲུག་སེར་སྐྱ་ཕོ་མོ་སུ་འདྲ་ཞིག་ཡིན་རུང་།   ཕྱིའི་དཔལ་འབྱོར་དང་ནང་དེང་དུས་ཀྱི་ཤེས་ཡོན་གནས་ཚད་མཐོན་པོར་               སླེབས་ཡོད་ཀྱང་།   ནང་སེམས་ཀྱི་ཞི་བདེས་ཕོངས་པའི་ནུབ་ཕྱོགས་པ་ཚོས་སེམས་ཀྱི་ཞི་བདེའམ་ཡ་རབས་   བཟང་ཕྱོགས་ཀྱི་ཀུན་སྤྱོད་སོགས་ལ་ཤེས་འདོད་ཀྱི་རེ་བ་ང་ཚོ་ལ་བརྒྱབ་ཀྱི་ཡོད་ན།    ང་ཚོའི་མི་རིགས་ལ་   གོམས་པའི་གཤིས་རྒྱུད་བཟང་པོ་རྣམས་ང་ཚོའི་རང་རྒྱུད་ལ་སྦྱར་ཐབས་ཞིག་བྱེད་དགོས་སམ་མི་དགོས།       གལ་ཏེ་དགོས་ན་ཇི་ལྟར་སྦྱར་དགོས་ཞེ་ན།  སློབ་ཕྲུག་ལ་ཤ་ཚ་དང་མི་རིགས་ལ་ལ་རྒྱ་ཡོད་མཁན་གྱི་ཕ་མ་   དང་དགེ་རྒན་སུ་ཡིན་རུང་།    དུས་རྒྱུན་དུ་སློབ་ཕྲུག་དེ།   དེང་དུས་ཀྱི་ཞན་ཆ་ནུབ་ཕྱོགས་པའི་ལྟ་ངན་ནམ་     ཕྲ་ཕྲ་ཟིང་ཟིང་ཡོད་དོ་ཅོག་ལ་ཡིད་གཏད་མི་རུང་པ་དང་།    ང་ཚོའི་མི་རིགས་ཀྱི་གོམས་གཤིས་དང་ལྟ་བ་ སོགས་མི་རིགས་གཞན་གྱི་ལྟ་བ་ལས་ཁྱད་དུ་འཕགས་པ་དེ་ནམ་རྒྱུན་ནས་སློབ་ཕྲུག་དེའི་འཚོ་བ་ནང་སླེབས་ ཐུབ་ཞིག་བཟོས་དགོས་པ་དེ་གནད་དུ་སྣང་།  དེ་ཙམ་དུ་མ་ཟད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ཕུན་སུམ་ཚོགས་པའི་གཞས་དང་ཞབས་བྲོ་སོགས་རིག་གནས་ཆེ་ཆུང་ཀུན་ལ་དགའ་བ་བསྐྱེད་ཐུབ་པ་ཞིག་     བཟོས་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།  དེ་ལ་དགའ་བ་མ་སྐྱེད་ན་དེ་ལ་སྦྱང་འདོད་ཀྱི་བློ་མི་སྐྱེ་སྟེ།  དགའ་བ་འདུན་ པའི་རྒྱུ་དང་འདུན་པ་བརྕོན་འགྲུས་ཀྱི་གནས་ཡིན་ཞེས་གསུང་པ་ལྟར་དོན་ལའང་གནས་པའི་ཕྱིར།   གཞན་ཡང་དེ་ལྟར་མི་བྱེད་པར་དེ་ལས་ལྡོག་སྟེ་རང་རིགས་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་སོགས་ལ་ཡོན་ཏན་མ་མཐོང་བ་དང་།   མདོ་སྔགས་བསྟན་པའི་སྲོག་རྩ་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་དམའ་འབེབ་དང་མཐོང་ཆུང་།                                                                                                                  ལྷག་པར་རྩམ་ཟན་མི་རིགས་ཀྱི་ཕུགས་བསམ་དང་དགོས་མཁོ་སོགས་གང་ལ་ཡང་དགོངས་པར་མ་འཁོར་བར།  ནུབ་ཕྱོགས་པའི་ལྟ་ངན་དེ་དག་ལ་ལྷག་པར་ཡིད་འོང་གི་སྒྲོ་བཏགས་ནས་དེ་ལ་ངར་ངར་ཤུགས་ཤུགས་ཀྱིས་འཇུག་འགྲོ་ན་འབྲས་བུ་ཡང་།   སྐད་ཡ་མ་གཟུགས།   ལུགས་ཡ་མ་གཟུགས།   ཆས་ཡ་མ་གཟུགས་ལ་སོགས་པ་ཤ་སྟག་འབྱུང་བ་ཡིན་པས།   བོད་མི་རིགས་ཀྱི་སྐད་ཡིག་དང་།   བོད་པའི་ངོ་བོ་སྲུང་སྐྱོབས་ལ་ཕན་པའི་ལས་དོན་དང་བོད་ལྗོངས་གསར་པར་འཛུགས་བསྐྲུན་གྱི་ཆེད་དུ་ལས་དོན་གང་ཡང་བསྒྲུབ་མི་ནུས་པ་མ་ཟད།    ང་ཚོ་གྲངས་ཉུང་མི་རིགས་གངས་ཅན་པ་ལྟ་བུས་ཀུན་ལ་ངོམ་རྒྱུ་ཡོད་པའི་སྐད་ཡིག་ཕུན་སུམ་ཚོགས་པ་དེ་དང་ནང་ཤེས་རྒྱུད་ཀྱིས་གཞན་རིགས་ཡིད་དུ་འོང་བའི་གོམས་གཤིས་རྣམས་རྩ་སྟོང་དུ་འགྲོ་བའི་རྒྱུ་ལས་མ་འདས་སྙམ།   དེ་ཡང་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མས།   ཕྱི་རྒྱལ་གྱི་བྱེད་སྟངས་ཚང་མ་སྡུག་ཅག་རེད་འདུག་ཅེས་བཤད་ཡག་མེད།    ཡིན་ནའང་།   ཕྱི་རྒྱལ་གྱི་བྱེད་སྟངས་མི་འགྲིག་པ་ལྟད་མོའི་རིགས་ལ་སོགས་པ་སྡུག་ཅག་དེ་ཚོ་ལ་ཉིན་མཚན་མེད་པར་མགོ་འཁོར་ནས་བསྡད་ན་ང་ཚོའི་བོད་མི་རིགས་དེ་ཉིད་ནམ་མཁའ་ལ་ཕུར་འགྲོ་ཡི་མ་རེད་ད།   ང་ཚོས་སློབ་སྦྱོང་བྱེད་ནས་རྒྱལ་སྤྱིའི་སྔོན་མཐོན་མི་རིགས་ཀྱི་གྲལ་དུ་ཚུད་པ་ཞིག་བཟོས་དགོས་ཞེས་གསུངས་ཡོད་པས་ང་ཚོས་ཀྱང་ངེས་པར་དུ་ཟབ་ཟབ་བྱེད་དགོས་སྙམ།།



No comments: