སྐྱབས་དངོས་ལམ་གཙོ་ལམ་རྣམ་གསུམ།
ཁྱེད་གསུམ་ནམ་ཞིག་རང་རྒྱུད་ལ་སྐྱེ་བ་ཡིན་ནམ།
ཁྱེད་གསུམ། སྐྱེ་ཡི་རེད། སྐྱེ་ཡི་རེད། ཅེས་པའི་ཚིག་དེ་ཐོས་ཏེ་རྣ་བར་བྱང་བར་གྱུར་ཟིན། ད་དུང་ཡང ་ཁྱེད་ གསུམ་སྐྱེ་ཆེད་གཞུང་ཆེན་དག་ལ་ཐོས་སོགས་ཀྱིས་ཉིན་མཚན་བསྒྲིལ་ཏེ་འབད་པ་དྲག་པོས་ངང་སྒུག་གི་ཚུལ་དུ་མཆིས།བདག་ནི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུས་བསྐོར། གཏི་མུག་མ་རིག་པས་བསྒྲིབས་པའི་སྨག་ནག་རེ་རེར། ཆགས་སྡང་རྨོངས་གསུམ་གྱིས་མཐའ་ལ་རུབ་ནས་རང་ནུས་གངཡོད་ཀྱིས་བདག་ལ་གནོད་པའི་ནུས་པ་རེ་སྟོན་ཡོང་དུས།བདག་དངངས་ཤིང་འཇིགས་སྐྲག་ནས།འདར་གྱིན་འདར་ གྱིན། ངས་ཁྱེད་གསུམ་གྱི་མཚན་ནས་ཡང་ཡང་འབོད་ཀྱིན་ཡོད། ངས་ད་ཚོད་སྐྱེ་བ་ཕྱི་མར་ཕྱོགས་གང་དུ་སྐྱེ། ལུས་གང་ཞིག་བླང་པའི་ཚོད་དཔག་བྱེད་རྒྱུ་ཕར་ཞོག། ལོ་རྗེས་མར་གང་ཡོང་། མ་ཟད་སང་དང་གནངས། ཆུ་ཚོད་གཅིག། སྐར་མ་གཅིག། དབུག་ཆ་གཅིག་གི་རྗེས་སུ་གང་ཡོང་ཆ་མ་མཚལ་བས། ད་དངོས་གནས་འཇིགས་ཀྱིན་འདུག།ཚེའི་འདུ་བྱེད་མ་གཏོང་བའི་སྔོན་དུ་ཆགས་སོགས་ཀྱིས་གནོད་པ་བྱེད་པ་ནི་དེ་རྣམས་ཀྱིས་སྲོག་བཅད་པའི་གོ་རིམ་ལས་མེད་རུང་།འཆི་བའི་དུས་ལ་མ་བབས་པའི་ན་གཞོན་ཁྱད་་་མེད་མང་པོ།འཆི་བདག་གཤིན་རྗེའི་ཁར་བཅུགས་སོང་།་བདག་ཀྱང་དབང་མེད་དུ་དེ་རུ་སྙེག་འགྲོ་བས། ད་ནི་བྱ་ཐབས་བྲལ། ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པའི་ཆགས་སོགས་དེ་དག་ལ་བདག་གིས་གཅེས་སྤྲས་བྱས་ཆེ་དྲག་པས་དེ་རྣམས་ནུས་པ་ཆེ་ལ་སྟོབས་དང་ལྡན་པ། རང་བཤིས་ངན་པ་རྐྱང་རྐྱང་ཡིན་པས། ང་རང་ལྷག་པར་ཞེ་སྣང་འཁོར་གྱིན་འདུག དུས་མི་རིང་བར་དུག་གསུམ་གྱིས་བསྐྲུན་པའི་བུ་ཆུང་བདག་གིས་སེམས་ འཁྲལ་དེ་ལྟ་བུ་་་ཞིག་ཁྱེར་ནས་ཁྱེད་་་གསུམ་ནམ་ཞིག་སྐྱེ་ཡོང་སྙམས་པའི་ངང་སྒུག་གམ་རེ་སྒུག་བྱས་ཡོད།
བདག་གི་རེ་བའི་འདུན་པ།།
སྐྱབས་དངོས་ལམ་གཙོ་རྣམ་གསུམ།།
མྱུར་བ་མྱུར་བ་ཉིད་དུ།།
འཐོབ་པའི་ངང་སྒུག་བྱས་ཡོད།།
ཐུབ་བསྟན་ཚུལ་ཁྲིམས་ནས་བྲིས་སོ།
No comments:
Post a Comment