མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

ལས་དབང་།

བཀྲིས་དོན་གྲུབ་ནས་བྲིས་སོ་།
མཛེས་ལྡན་འཛམ་གླིང་འདི་ཡི་ཡང་སྟེང་དུ།
སྤྲེལ་སྲིན་རྒྱུད་ལས་བྱུང་བའི་མི་རིགས་ཞིག།
ལས་དང་རྒྱུ་འབྲས་བརྩི་བའི་མི་རིགས་འདི།
གོི་ལ་འདི་ཡི་མིག་གི་དཔེ་རུ་འགྱུར་།
བསྟན་པ་སྔར་ཕྱི་གངས་རིའི་ལྗོངས་སུ་དར།
གངས་རིའི་འགྲོ་ལ་བདེ་སྐྱིད་ཉི་མ་ཤར།
གློ་བུར་རྐྱེན་ངན་དགྲ་ཡི་ལག་འོག་ནས།
གངས་རིའི་ལྗོངས་འདི་དམྱལ་ཁམས་བཞིན་ཏུ་འགྱུར།
བོད་པའི་རིག་གཞུང་ཁྲི་གདུགས་ཉི་མ་འདྲ།
སྐྱེ་བོ་ཀུན་ལ་མ་རིག་མུན་པ་སེལ།
རྐྱེན་ངན་འཕྲད་ནས་ནམ་མཁའི་སྤྲིན་ནག་བསྒྲིབས།
སྤྲིན་ནག་འོག་ཏུ་རིག་གཞུང་རྩ་མེད་ཕྱིན།
བོད་པའི་གཤིས་ཀ་གཡུ་ཆུ་སྔོན་པོ་འདྲ།
གཡུ་ཆུ་སྔོན་པོ་བཀྲེས་སྐོམ་སྡུག་བསྔལ་སེལ།
རྐྱེན་གྱི་དབང་གིས་གཡུ་ཆུ་སྔོན་པོ་བསྐམ།
བོད་པའི་གཤིས་བཟངརྩུབ་པའི་གཤེས་ཀར་འགྱུར།
འབྱུང་བ་དཀོན་པའི་ཤེས་ལྡན་ལྷ་བྱ་རྣམས།
བསོད་ནམས་དབང་གི་གངས་རིའི་ཡུལ་དུ་ཕེབས།
ལས་ཀྱི་གྲུབ་པའི་སྤྱང་ཀི་ཤ་ཟ་ཡིས།
ལྷ་བྱ་ལྷོ་ཕྱོགས་ཡུལ་དུ་འཕེལ་དགོས་བྱུང།

No comments: