མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

བསླབ་བྱ་ཁག་གསུམ་།

འཇམ་དབྱངས་འཕྲིན་ལས་ནས་བྲིས་སོ།།
མི་ངན་བཤད་པའི་གཏམ་ལ་མགོ་འཁོར་ནས།
དུས་རྣམ་ཀུན་ཏུ་དེ་འདྲར་གནས་པ་ན།
ནམ་ཞིག་སྙིང་ནས་འགྱོད་པའི་དུས་ཞིག་ཤར།
དེ་དུས་འགྱོད་ཀྱང་བཅོས་པ་ཤིན་ཏུ་དཀའ།

གངས་ཅན་ལྗོངས་ཀྱི་ན་གཞོན་ཚོ།
ཤེས་བྱ་ཀུན་ལ་འབད་བརྩོན་བྱོས།
ཕྱོགས་བཞི་གང་དུ་སོང་ཡང་བརྟན།
ནང་པའི་ཆོས་ལ་འབད་ན་དགེ
གངས་ཅན་རང་དབང་བར་དུ་ནི།
ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོས།
ཆགས་སྡང་སོགས་ལ་མ་འཁོར་བར།
རིག་གནས་ཀུན་ལ་སྦྱོངས་པར་མཛོད།།

No comments: