མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

སྙིང་རྗེ་མེད་པའི་འབྲས་བུ།

དབུ་གསར་བློ་བཟང་རྡོ་རྗེ་ནས་བྲིས་སོ།།
སྔོན་རྒྱ་གར་གྱི་མཛེས་སྡུག་ལྡན་པའིཕྱི་རོལ་དྲང་སྲོང་གི་ཡུལ་ཞིག་ལ། དྲང་སྲོང་གི་སློབ་དཔོན་སྙན་གྲགས་   ཅན་ལི་ལྦན་ཟེར་བ་ཞིག་ལ། སློབ་མ་སྐར་ཚོགས་ལྟར་ཡོད་པའི་ནང་ནས། སུ་ལ་ཤ་ཟེར་བ་དེ་སློབ་མ་གཙོ་བོ་   དང་། སུ་ལ་ཤ་ནི་དབང་པོ་དང་རིག་རྩལ་རྣོ་ཞིང་གཟུགས་སྟོབས་ཆེ་བ།  ལུས་རྩལ་འགྲན་ཟླ་བྲལ་ཞིང་ཡུལ་   མི་རྣམས་ཀྱི་ཀྱང་བསྔགས་བརྗོད་བྱེད་སའི་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཞིག་ཡོད།  རང་ཉིད་སློབ་   དཔོན་ལ་གུས་པ་དང་བརྩི་བཀུར་ནི་ཧ་ཅང་གི་ཆེ་ལ་སློབ་དཔོན་གྱིས་ཀྱང་གདམས་ངག་དང་གསང་    མཚན་ཆོས་ཇི་འདྲ་ཞིག་བསྟོན་ཀྱང་ཐུགས་སུ་མ་ཆུད་པ་མེད་པས། སློབ་དཔོན་ཐུགས་ཤིན་ཏུ་མཉེས་ཤིང་།    དཔོན་སློབ་གཉིས་ཀ་ཕན་ཚུན་དམ་ཚིག་གཙང་ཞིང་བརྩེ་གདུང་ཡང་ཆེ་བས། ཁྱིམ་ཚང་ཞིག་གི་ནང་མི་མཛའ་བརྩེ་ཤིན་ཏུ་ཆེ་བ་ཞིག་ལས་ཀྱང་།  ཁོང་གཉིས་ཀྱི་མཛའ་བརྩེ་ནིོ་རི་བོ་ལས་  ཀྱང་དཔང་མཐོ། རྒྱ་མཚོ་ལས་ཀྱང་གཏིང་ཟབ་ཅིང་དེའི་མཐུ་

ལས་ཡུལ་མི་རྣམས་ཀྱང་མཛའ་བརྩེ་དང་བདེ་   སྐྱིད་ཀྱི་དཔལ་ལ་རོལ་ཞིང་གནས། ཉིན་གཅིག་གནོད་སེམས་དང་དཀྲུག་ཤིག་ངན་པའི་དབང་གིས་སློབ་   དཔོན་གྱི་ཐུགས་ལ།   ད་སུ་ལ་ཤ་མགོ་རྟིང་སློག་ན་མ་གཏོགས་འགྲིག་མ་སོང་བསམ་ནས་སུ་ལ་ཤ་ལ་སྔར་    ལས་ཀྱང་བརྩེ་བའི་རྣམ་པ་སྟོན་ནས།  སུ་ལ་ཤ  །ད་ངས་གདངས་ངག་ཟབ་ཤོས་དེ་སྟོན་གྱི་ཡིན།   ཡིན་ནའང་།  ཁྱོད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་ཟླ་བ་གཅིག་གི་རིང་ཉིན་རེ་ཡུལ་མི་མི་ཉུང་བ་ཞིག་དམར་ཆོད་    འབུལ་དགོས་ཞེས་བཀའ་བརྩལ།  སུ་ལ་ཤ་ལ་དུས་རྒྱུན་བྱམས་སྙིང་རྗེའི་སློབ་གསོ་རག་མ་མྱོང་བ་ལ་བརྟེན་    ནས། ཡིན་ཞག་གི་ཐོག་ནས་བྱ་བ་དེ་སྒྲུབ།  མཐར་གཤིན་རྗེ་དམར་སྐུ་དངོས་སུ་ལྟ་བུར་གྱུར་ནས་མི་བསད་    ཁྲག་སྦྱོར་གྱི་ལས་ངན་དག་ཐབས་མེད་པ་བསགས་ནས་ཡུལ་དེ་དམྱལ་བ་ལྟ་བུར་གྱུར་ནས་ངུ་འབོད་ཀྱི་    གནས་སུ་ལྷུང་ངོ་།།


No comments: