མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

རྨུགས་སྤྲིན་དང་ང་།


ཆོས་བཟང་སྤྲུལ་སྐུ་ནས།
བདག་ཆུང་དུས་ངེད་ཚང་གི་ཁང་ཁར་བསྡད་ནས་ཞོགས་པའི་རྨུགས་སྤྲིན་གྱི་མཛེས་སྡུག་ལ་ལྟད་མོར་གཡེང་རྒྱུ་ཤིན་ཏུ་དགའ། རྨུགས་སྤྲིན་ནི་འཇམ་ཞིང་སྟུག་པའི་བལ་དཀར་སྤུངས་པ་དང་འདྲ་བས་རྨུགས་སྤྲིན་གྱི་མདུན་དུ་སུ་ལའང་འཇིག་རྟེན་གྱི་ཁམས་གསར་པ་ཞིག་ཏུ་སླེབས་སོང་བའི་སྣང་བ་འགོག་མེད་དུ་འཆར་འོང་ལ་དེར་མ་ཟད་མི་མང་པོ་ཞིག་རྨུགས་སྤྲིན་ནི་ཕྱི་ཚུལ་མཛེས་དྲག་པའི་ཡིན་ཀྱང་ཆོག་ཡང་ན་རྨུགས་སྤྲིན་གྱིས་བྲན་པ་ཡིན་ནའང་འདྲ། གང་ལྟར་རྨུགས་སྤྲིན་ལ་བསྟོད་པའི་སྙན་ངག་མཁན་འགྱུར་འདུག  །སྙན་ངག་མཁན་ནི་སྒྲོ་བཏགས་ལ་གོམས་ཞིང་ཤིན་ཏུ་མཁས་པ་ཞིག་ཡིན་སྟབས་ང་ཚོའི་ཀླད་པར་སྙན་ངག་གི་འཇིག་རྟེན་བསྐྲུན་པ་དེས་རེད།  རྨུགས་སྤྲིན་དེ་ནི་ངོ་མ་ཤེས་པའི་རྐྱེན་གྱིས་ཆེས་མཛེས་སྡུག་ལྡན་པ་ཞིག་གམ་ཡིད་དུ་འོང་བ་ཞིག་ཏུ་སྣང་མོད། ཕྱིས་སུ་བདག་རྨུགས་སྤྲིན་མེད་པའི་ཡུལ་གྲུ་ཞིག་ཏུ་སླེབས་སོང་བས་ཡུལ་གྲུ་འདི་ནི་ལྗོན་ཤིང་། ནགས་ཚལ།  རི་ཆུ།  སྤང་ལྗོངས།  འཇམ་རླུང་བཅས་ཀྱིས་ལྷ་ཡུལ་དང་འདྲ་སོང་།  ངའི་ཕ་ཡུལ་དེའང་རྨུགས་སྤྲིན་གྱིས་སྒྲིབ་མེད་ན་ལྗོན་ཤིང་།  མེ་ཏོག་  རི་ཆུ།  སྤངས་ལྗོངས།  གཞན་ཡང་རང་དབང་གི་ཁུ་བྱུག་སྔོན་མོས་ཀུན་ལ་གསོན་ཤུགས་སྦྱིན་པའི་ཞི་བདེ་ཡི་གྲེ་འགྱུར་བཅས་ཀྱིས་ཆེས་མཛེས་སྡུག་ལྡན་པའི་ལྷ་ཡུལ་ལ་འདྲ་བར་བསམ་ཚེ་བདག་ཞེ་གཏིང་ནས་ཁ་འཇམ་ཁོག་ནག་གི་རྨུགས་སྤྲིན་དེ་ལ་ཁོང་ཁྲོ་སྐྱེ་ཞིང་དུས་      མཚུངས་སུ་སྙན་ངག་མཁན་དེ་དག་ལ་ཁོང་ཁྲོ་དང་སྙིང་རྗེ་ལྷན་ཅིག་ཏུ་སྐྱེ་བྱུང་། རྨུགས་སྤྲིན་ལགས།  ཁྱོད་རང་གིས་སྙནངག་པ་ཚོ་ལ་ཁྱོད་རང་ལ་སེམས་གཏིང་ནས་སྙན་ངག་གི་བསྟོད་གླུ་ཞིག་ལེན་དུ་འཇུག་འདོད་ན། ལྗོན་ཤིང་། མེ་ཏོག་སོགས་ཀྱི་མཛེས་པ་དབྱིབས་ལེགས་གཞོན་ནུའི་ངོ་གདོང་ལ་མཛེས་ལྷད་བཞིན་གྱུར་བའི་བཙོག་ཆུ་དང་འདམ་བག་སོགས་རྨུགས་སྤྲིན་གྱི་མཛེས་སྡུག་གིས་གཡོག་དང་ཁྱོད་མཛེས་ང་མཛེས་ཞིག་    ཡོང་ཐུབ་པས་བདག་ཀྱང་སྔར་བཞིན་ཁང་ཁར་བསྡད་དེ་ཁྱོད་ཀྱི་མཛེས་སྡུག་ལ་རྒྱང་ལྟ་རེ་བྱེད་བཞིན་ཁྱོད་ལ་བསྟོད་པའི་སྙན་ངག་རེ་བྲིས་ནས་བསྡད་ཆོག  

No comments: