མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

རང་གི་ལ་རྒྱ

ཟུར་བཀོས་འཛིན་གྲྭ་བཀྲིས་ཉི་མ་ནས་བྲིས།
གངས་རིའི་བསྐོར་བའི་ཞིང་གི་བླ་མ་རྣམས། 
འགྲོ་བ་ཀུན་གྱི་གདུལ་བྱ་ཡོངས་ལ་གཟིགས།
གདུལ་བྱ་ཀུན་གྱིས་སྐྱབས་མགོན་ཡོངས་ལ་བསྟེན།
 མགོན་པོ་ཡོངས་ཀྱི་དངོས་གྲུབ་འབྱུང་བ་ཤོག

དུས་གསུམ་ཀུན་དུ་སྡིག་སྤོང་དགེ་སྒྲུབ་ལ།
སེམས་ཅན་ཆེད་དུ་ཉིན་མཚན་ཀུན་ཏུ་བརྩོན།
རབས་ན་མཐར་པ་ཐོབ་པ་ངེས་གྱུར་ཅིག  
མ་མཐའ་ངེས་འབྱུང་སྐྱེ་བར་ངེས་གྱུར་ཅིག                          
གངས་རིའི་ལྗོངས་ཀྱི་རྩམ་ཟན་གངས་ཕྲུག་ཚོ།  
རིག་པའི་གནས་ལ་རང་གིས་མ་བརྩོན་ན།
གཞན་ཕན་སློབ་སྦྱོང་འབྱུང་ཁུངས་གང་ན་ཡོད།  
བརྩོན་ཀྱང་སློབ་སྦྱོང་ཆུད་གཟོན་མ་གཏང་ཨང་།
གངས་རིའི་ལ་རྒྱ་ཡེ་ནས་མ་བྱེད་པར།  
རང་གི་ལ་རྒྱ་རང་གིས་མ་ཤེས་ན།
ཤེས་རིག་ཡོན་ཏན་ཡོད་ཀྱང་གོ་མ་ཆོད།  
རང་གི་ལ་རྒྱ་རང་གི་མ་ཤེས་ན།
རྒྱུ་ནོར་ལོངས་སྤྱོད་ཡོད་ཀྱང་གོ་མ་ཆོད།།